2023年11月20日 星期一

ཨ་རིའི་སྲིད་འཛིན་Joe Bidenདང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་མོལ།

2023-11-16

ཨ་རིའི་སྲིད་འཛིན་Joe Bidenདང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་མོལ་གནང་ཡོད་པ་དང་། བོད་མི། ཡུ་གུར་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་། ཧོང་ཀོང་གི་འཐབ་རྩོད་པ་སོགས་ཀྱིས་རྣམ་པ་འདྲ་མིན་ངང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་། འགྲོ་བ་མིའི་ཐོབ་ཐང་ནི་ག་དུས་ཡིན་ཡང་ ཨ་རིའི་ཕྱི་སྲིད་འབྲེལ་ལམ་ཁྲོད་གལ་འགངས་ཆེན་པོ་བརྩི་བཞིན་ཡོད་པས། བོད་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱིས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བར་ཤུགས་རྐྱེན་ཇི་ཐེབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ བོད་གཙོས་པའི་གྲངས་ཉུང་མི་རིགས་ཐོག་འཛིན་བཞིན་པའི་སྲིད་ཇུས་སོགས་ཀྱི་ཐད་བོད་རྒྱའི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་མཉམ་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གཟིགས་རོགས་གནང་།




沒有留言:

張貼留言